འདི་དག་ནི་རང་ཉིད་ཀྱིས་བཟོས་པའི་ནང་ཆོས་དང་འབྲེལ་བའི་མཉེན་ཆས་རྐྱང་ཡིན། འགའ་རེ་དཔེ་མཚོན་དང་འགའ་རེ་ཆ་ཆང་བ་བཟོས་ཡོད། ཕབ་ལེན་བྱ་འདོད་ཚེ་སྟེགས་བུ་འདིའི་འགྲམ་གྱི་Release ཟེར་བའི་ནང་ནས་རང་ལ་གང་དགོས་པ་དེ་ཕབ་ལེན་བྱ་ཆོག ངེས་དགོས་པ་ཞིག་ནི། མཉེན་ཆས་འདི་དག་ནི་ཁ་པར་དང་tabletཁོ་ནའི་ནང་སྤྱོད་བྱ་ཡིན། ཁ་པར་ལ་ཡང་མ་ལག་ཨན་ཌོ་ཡི་རིགས་མ་གཏོགས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་ipad ནང་བཀོལ་མི་ཐུབ། ཀུ་ཤུ་རྟགས་ཅན་ནང་རིམ་གྱིས་ཐོན་རྒྱུ་ཡིན།
- ༡ བློ་སྦྱོང་ཚིག་བརྒྱད་མའི་མཉེན་ཆས། (ཆ་ཚང་།)
- ༢ སྤྱོད་འཇུག་གི་མཉེན་ཆས། (དཔེ་མཚོན་ཙམ།)
- ༣ སྤྱོད་འཇུག་གི་སྒྲ་འགྲེལ་མཉེན་ཆས། (དཔེ་མཚོན།)
- ༤ ལག་ལེན་སོ་བདུན་མའི་མཉེན་ཆས། (ཆ་ཚང་།)